Wednesday, November 7, 2007

བོད་སྐད་ཡིག་གི་ལས་དབང་།


ཉེ་བའི་ཆར་བོད་ནང་དུ་གཞུང་འབྲེལ་མིན་པའི་སྒེར་སྒྲུབ་དྲ་ཚིགས་ཁག་ཅིག་གི་

སྒོ་རྒྱབ་ཡོད་དང་། དེ་ཡང་དྲ་ཚིགས་དེ་དག་ནི་བོད་མིའི་ཁྲོད་དུ་ཆེས་དགའ་་་་

བསུ་ཐོབ་བཞིན་པ་ལྟར་མིག་སྔར་དྲ་ཐོག་ནས་བོད་ཡིག་གི་སྤྱོད་སྒོ་ཆེས་ཆེ་བ་དག་

ཀྱང་རེད། ཡིན་ཡང་བོད་ཡིག་དྲ་ཚིགས་དེ་དག་སྒོ་རྒྱག་རྒྱུའི་ཁ་གཡར་ས་གཙོ་བོ་

ཞིག་ནི། དེང་དྲ་བའི་འཇིག་རྟེན་འདིར་ཆེས་གལ་ཆུང་དང་རྒྱུན་ལྡན་ཡིན་པའི་ལམ་

ཞོར་ནག་ཉེས་མཁན་རེ་ཟུང་ཙམ་སྟེ། ཟིན་བྲིས་གཉེར་མཁན་ནམ་གླེང་སྟེགས་ཁྲོད་

ཞུགས་ནས་གཏམ་བརྗོད་སྤེལ་མཁན་རེ་ཟུང་གིས་བཙལ་བྱོལ་ན་ཡོད་པའི་བོད་མི་

དག་གི་གླེང་ཕྱོགས་ཙམ་སྤེལ་བ་དེ་ཡིན་པར་བཤད། འདི་ཙམ་ལ་ཁ་གཡར་ནས་

ཡངས་ཤིང་རྒྱ་ཆེ་བའི་དྲ་བའི་འཇིག་རྟེན་འདིར་གསལ་ལ་མ་གསལ་བའི་རྐང་རྗེས་

ཙམ་ཞིག་གི་ལྟ་གོན་བྱེད་བཞིན་པའི་Blog ཟིན་བྲིས་སོགས་དང་།

BBSགླེང་སྟེགས་ཡོངས་རྫོགས་རྩ་མེད་བཟོ་ཅི་ཐུབ་བྱེད་བཞིན་པ་རེད།

འདི་ནི་འཕུར་མཆོང་ལྟ་བུའི་འཕེལ་རྒྱས་ཞེས་པའི་ཁ་གཡང་ཁྲོད་ནས་ཇི་སྲིད་དུ་

བོད་མི་རིགས་ཀྱི་སྲོག་རྩ་གཅིག་པུ་སྟེ། བོད་ཀྱི་སྐད་ཡིག་གི་ཚེ་སྲོག་ལ་རྒོལ་བའི་

ནག་ཉེས་ལས་གཞན་ཅི་ཞིག་ཡིན་ནམ།

No comments: